ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།

རྒྱལ་ཁབ་ཀྱི་མིང་ལ་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་(United State of America)ཟེར་ཞིང་བསྡུ་ཚིག་བྲིས་ན་(usa)ཞེས་འབྲི། རྒྱལ་ཁབ་འདི་ནི་ཨ་མི་རི་ཀ་གླིང་ཆེན་གྱི་བྱང་ཕྱོགས་ན་ཆགས་ཡོད། དར་ཆ་འདི་ཐོག་མར་ལྕམ་སྐུ་བྷེ་སེ་རོ་སི་(Betsy Ross)ནས་གསར་དུ་བཟོས་པ་རེད། སྤྱི་ལོ་ ༡༧༧༧ ལོའི་ཟླ་ ༦ པའི་ཚེས་ ༡༤ ཉིན་ཐོག་མའི་མངའ་སྡེ་བཅུ་གསུམ་གྱི་འཐུས་མི་ཚོགས་ཆེན་སྟེང་ནས་རྒྱལ་ཁའི་དར་ཆ་ལ་གཏན་འབེབས་གནང་བ་རེད། དར་ཆ་ལ་ཚོན་མདོག་གསུམ་ཡོད། དམར་པོ་དང་། སྔོན་པོ། དཀར་པོ་བཅས་སོ། དམར་པོས་བློ་སྟོབས་མཚོན། དཀར་པོས་རང་དབང་གི་བདེ་སྐྱིད་མཚོན། སྔོན་པོས་བདེན་པ་བདེན་དྲང་ངམ་རྒྱུ་འབྲས་དྲང་བཞག་མཚོན། ཕྱིས་སུ་ ༡༨༡༨ལོར་འཐུས་མི་ཚོགས་ཆེན་སྟེང་ནས་དར་ཆ་ལ་ཡིག་ཆ་ཅུང་ཟད་འགྱུར་བ་བཏང་ནས་གསར་བ་གཏན་འབེབས་བྱུང་། ཤར་མོ་བཅུ་གསུམ་ཡོད་པ་དེས་ཐོག་མ་རྒྱལ་ཁབ་གསར་འཛུགས་སྐབས་ཀྱི་གྲོང་བརྡལ་ལམ་མི་སེར་སྤེལ་ཡུལ(colonies)བཅུ་གསུམ་མཚོན། སྐར་མ་རེ་རེས་མངའ་སྡེ་རེ་མཚོན། དར་ཆའི་སྟེང་ན་དེང་སང་སྐར་མ་རྩེ་ལྔ་ལྔ་བཅུ་ཐམ་པ་ཡོད། དེས་མངའ་སྡེ་ལྔ་བཅུ་མཚོན། མངའ་སྡེ་མཐའ་མ་དེ་ཧ་ཝེ་རེད། རྒྱལ་ཁབ་འདི་ནི་ཐོག་མར་ ༡༧༧༦ དབྱིན་ཇིའི་འོག་ནས་རང་བཙན་ཐོབ་ནས་རྒྱལ་ཁབ་གསར་དུ་དབུ་བརྙེས་པ་རེད། དེའི་སྐབས་སུ་འཇོར་ཇེའུ་ཝ་ཤིན་ཊོན་ནི་དམག་དཔོན་ཡིན། འོན་ཀྱང་རྒྱལ་ཁབ་དབུ་བརྙེས་པའི་རྗེས་སུ་ཁོང་རྒྱལ་ཁབ་ཀྱི་སྲིད་འཛིན་ཐོག་མ་དེར་འདེམས་ཐོན་བྱུང་། དེའི་སྐབས་སུ་རྒྱལ་ས་མེད་པས་ཁངོ་གི་ཡུལ་དང་ཐག་ཉེ་སར་རྒྱལ་ས་འདེམས་ནས་དེང་སང་གི་རྒྱལ་ས་དེ་འདེམས་པ་རེད། དེ་ནས་བཟུང་རྒྱལ་ས་ལ་ཁོང་གི་མིང་ཐོག་ནས་ཝ་ཤིན་ཊོན་ཞེས་འབོད་ཀྱི་ཡོད་པ་རེད། རྒྱལ་ཁམས་པ་བསོད་ནམས་ཡེ་ཤེས་ཀྱིས་ཨ་རིའི་ཡུལ་ནས་བྲིས་སོ།

སྒེར་ཀྱི་ལག་ཆ།
Variants
བྱ་འགུལ།
དཀར་ཆག
ལག་ཆ།
སྐད་རིགས་གཞན།